Friday, March 1, 2019


   
   ་་སྟི།      ས་ལ་དགའ་བ་ཆོས་ལྡན་རྒྱལ་ཁབ།།
               གཞོན་པ་ང་ཚོའི་སྐྱིད་པའི་ཕ་ཡུལ།།
               ཕྱི་ནང་གསང་བའི་ཡོན་ཏན་སྦྱང་ནས།
               ན་གཞོན་ང་བཅས་ཚུ་གིས་བརྩོན་གནང་།

               འབངས་འཁོར་ཡོངས་ཀྱི་བརྩེ་བའི་ཕ་མ།།
               ཆོས་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ།།
               ཡ་རབས་བཟང་པོའི་སྒྲིག་ལམ་ཆོས་གསུམ།།
               ན་གཞོན་ང་བཅས་ཚུ་གིས་བརྩོན་གནང་།

               འགྲོ་མགོན་སྐྱབས་གནས་རྩ་བའི་བླ་མ།།
               ཡེ་ཤེས་ནོར་བུ་འཇིགས་མེད་ཆོས་གྲགས།།
               ཚུལ་ཁྲིམས་སྲུང་ཞིང་རང་སེམས་འདུལ་ནས།།
               ན་གཞོན་ང་བཅས་ཚུ་གིས་བརྩོན་གནང་།

               མངའ་བདག་འཁོར་ལོ་བསྒྱུར་བའི་རྒྱལ་སྲས།།
               ལྷ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག།
                ཕྱོགས་རིས་མེད་པའི་ལྷག་བསམ་བསྐྱེད་ནས།།
               སྤྱི་རུབ་ཐོག་ལས་ཕྱག་ཕྱིད་ཞུ་གེ།

   

No comments:

Post a Comment

        Turning the Wheel of Dharma at Changlimithang  Just as the Lord Buddha,  about 2500 years ago, Gave the first sermon  on the Four No...